༉ སུ་ཙེའུ་འདི་ཤར་ཕྱོགས་རྒྱ་ནག་གི་ མངའ་སྡེ་ཇིན་སུ་གི་ཤར་ལྷོ་གི་ ཁྲོམ་ཚོགས་སྦོམ་ཅིག་ཨིན། ཁྲོམ་འདི་ཤང་ཧའེ་གི་ནུབ་བྱང་ལུ་ཀི་ལོ་མི་ཊར་ ༡༠༠ གི་ས་ཁར་ཆགས་ཏེ་ཡོདཔ་ཨིན། མངའ་སྡེའི་ཡན་ལག་གི་སའི་རྒྱ་ཁྱོན་འདི་ ཀི་ལོ་་མི་ཊར་གྲུ་བཞི་ ༨,༤༠༠ ཡོདཔ་ཨིན། ཁྲོམ་འདི་མངའ་སྡེའི་ནང་ ཁྲོམ་ཚོགས་སྦོམ་ཤོས་ཨང་གཉིས་པ་ཨིནམ་དང་...